རྣམ་དབྱེ།
རྣམ་དབྱེ།
མིང་ཚིག་བརྗོད་པའི་ལམ་ལས་ བརྗོད་དོན་གྱི་ཁྱད་པར་
སོ་སོ་སྦེ་དབྱེ་ བའི་ཚིག་ལུ་རྣམ་དབྱེ་ཟེར་སླབ་ཨིན།
ནང་གསེས་ཀྱི་དབྱེ་བ།
ü
དང་པ་ངོ་བོ་ཙམ་སྟོན་པ།
ü
གཉིས་པ་ལས་སུ་བྱ་བ།
ü
གསུམ་པ་བྱེད་པ་པོ།
ü
བཞི་པ་ དགོས་ཆེད།
ü
ལྔ་པ་འབྱུང་ཁུངས།
ü
དྲུག་པ་འབྲེལ་སྒྲ།
ü
བདུན་པ་གནས་གཞི།
ü
བརྒྱད་པ་འབོད་སྒྲ།
དང་པོ་ངོ་བོ་ཙམ་སྟོན་པ།
རྣམ་དབྱེ་དང་པོ་ངོ་བོ་ཙམ་སྟོན་པ་ཟེར་མི་འདི་
བརྗོད་བྱའི་དོན་ག་ཅི་ར་ཨིན་རུང་ མིང་རྐྱང་པ་ཙམ་མ་གཏོགས་ བྱ་ལས་དང་ཁྱད་ཆོས་ཚུ་
ག་ནི་ཡང་མ་སྟོན་མི་ལུ་ སླབ་ཨིན།
དཔེར་ན། རྡོ་རྗེ།
སྤ་རོ། ཨ་ལུ། རོ་ཁྱི། ནགས་ཚལ།
གཉིས་པ་ལས་སུ་བྱ་བ།
གཉིས་པ་ལས་སུ་བྱ་བ་ཟེར་མི་འདི་
བྱ་བའི་ཡུལ་ལམ་ལས་ཅིག་ལུ་ བྱེད་པ་པོ་ཅིག་གིས་
ལཱ་ཅིག་འབད་བའི་དོན་སྟོན་པའི་ཚིག་ཅིག་ལུ་ སླབ་ཨིན།
ནང་གསེས་ཀྱི་དབྱེ་བ།
ü ལས་སུ་བྱ་བའི་རྣམ་ དབྱེ་། བྱ་ལས་དབྱེར་མེད་ཀྱི་ཕྲད། ར། ལུ།
ü བྱ་ལས་དབྱེར་མེད་ཀྱི་རྣམ་དབྱེ་། ལས་སུ་བྱ་བ་ ལུ་ཕྲད། ན། ར། ལུ། གུ བཞི་།
གསུམ་པ་བྱེད་པ་པོ།
བྱེད་པ་པོ་ཟེར་མི་འདི་
གང་ཟག་དང་ དངོས་པོ་ གང་རུང་ཅིག་གིས་ ལཱ་འབད་བའི་དོན་སྟོན་པའི་ཚིག་ཅིག་ལུ་སླབ་ཨིན།
ནང་གསེས་ཀྱི་དབྱེ་བ།
·
བྱེད་པ་པོ་གཙོ་བོ། སྟག་གིས་མཆོང་།
·
ཕལ་པ། པི་སི་གིས་འབྲི།
·
རང་བཞིན་གྱི་བྱེད་པ་པོ། རླུང་གིས་འབག
·
རྒྱུ་མཚན་གྱི་དོན་ལུ་འཇུག་པ་དང་བཞི་ཡོད། ལཱ་འབད་ནི་འདི་གིས་འུ་སྡུག
v
བྱེད་སྒྲའི་ཕྲད་
ཀྱིས། གིས། གྱིས་གསུམ་འཇུགཔ་ཨིན། ཕྲད་ ཀྱིས་ འདི་ རྗེས་འཇུག་ ད། བ། ས་གསུམ་དང་།
གིས་འདི་རྗེས་འཇུག་ ག། ང་། འ་གསུམ་དང་ མཐའ་མེད་ཀྱི་རྗེས་སུ་འཇུགཔ་ཨིན། ཕྲད་ གྱིས་
འདི་ རྗེས་འཇུག་ ན། མ། ར། ལ་བཞིའི་ རྗེས་སུ་འཇུགཔ་ཨིན།
བཞི་པ་དགོས་ཆེད།
དགོས་ཆེད་ཟེར་མི་འདི་
ཚིག་གང་རུང་ཅིག་ལུ་ ལས་ཚིག་སྦྱརཝ་ད་ བར་ན་ལུ་ཕྲད་ ར། ལུ། གུ་གསུམ་གྱིས་ ལཱ་འདི་
འབད་དགོ་པའི་ དོན་དག་དང་ ཡུལ་དང་བྱེད་པ་པོ་གང་རུང་ལུ་ ཕན་པའི་དོན་སྟོན་པའི་
ཚིག་ཅིག་ལུ་ སླབ་ཨིན།
དཔེར་ན།
ར -
དབང་ཞུ་བར་འགྱོ་དེས། འཚོལ་བར་སོང་།
ལུ-
སེམས་ཅན་ལུ་སྦྱིན་པ་གཏང་། གནག་དུང་ནང་ལུ་མེ་བཏེག
གུ-
རྨ་གུ་སྨན་དབུར། མིག་ཏོ་གུ་མིག་ཤེལ་བཙུགས།
v
དགོས་ཆེད་ཀྱི་ཕྲད་ཚུ་གི་ཧེ་མ་
དོན་ ཟེར་བའི་ཚིག་བཙུགསཔ་ད་ དགོས་ཆེད་གསལ་བྱེད་ལུ་འགྱོཝ་ཨིན། དཔེར་ན།
གཞུང་དོན་ལུ་དཀའཝ་སྤྱད་དགོ་ ཟེར་དོ་བཟུམ།
ལྔ་པ་འབྱུང་ཁུངས།
འབྱུང་ཁུངས་ཟེར་མི་འདི་
གང་ཟག་དང་ དངོས་པོ་ཚུ་ ཡུལ་ག་ལས་ འབྱུངམ་ཨིན་ན་གི་ ཁུངས་སྟོན་པའི་ཚིག་ལུ་སླབ་ཨིན།
v
འབྱུང་ཁུངས་ཀྱི་ཕྲད་
ལས་ ཨིན།
ནང་གསེས་ཀྱི་དབྱེ་བ།
ü
འབྱུང་ཁུངས་དངོས། མིག་ལས་མིག་ཆུ།
ü
ཆ་འདྲ་བ། ཁྱིམ་ལས་མི།
ü
འགྲན་བསྡུར། སྣུམ་འཁོར་ལས་གནམ་འགྲུ་མགྱོགས།
ü
རྒྱུ་མཚན། ལཱ་འབདཝ་ལས་གླ་འཐོབ།
ü
སྡུད་སྒྲ།
ཡུལ་སྡུད་པ། སྤུ་ན་ཁ་ལས་སྤ་རོ་ཚུན།
དུས་སྡུད་པ། ཁ་ཙ་ལས་ད་རིས་ཚུན།
དངོས་པོ་ སྡུད་པ། མགུ་ཏོ་རས་རྐངམ་ཚུན།
དྲུག་པ་འབྲེལ་སྒྲ།
འབྲེལ་སྒྲ་ཟེར་མི་འདི་
གང་ཟག་དང་དངོས་པོ་ཚུ་གི་བར་ན་ འབྲེལ་བ་སྟོན་པའི་ཚིག་ཅིག་ལུ་སླབཔ་ཨིན།
འབྲེལ་སྒྲའི་ཕྲད།
ཀྱི། གི། གྱི། འི། ཡི་ལྔ་ཡོད་མི་ཚུ་རྗེས་འཇུག་ ད། བ། སའི་མཐའ་མར་ཀྱི། ག། ང་།
མཐའ་མེད་ཀྱི་རྗེས་སུ་གི། ན། མ། ར། ལའི་མཐའ་མར་ གྱི། འ་དང་མཐའ་མེད་ཀྱི་རྗེས་སུ་
འི་དང་ ཚིག་ཁ་སྐོང་དགོཔ་དང་ ཡི་འཐོབ་ཨིན།
འབྲེལ་སྒྲའི་འཇུག་ཚུལ་གྱི་དབྱེ་བ།
ü
ངོ་བོ་བདག་ གཅིག ཤིང་གི་རྐང་ཁྲི།
ü
དེ་ལས་དེ་འབྱུང་། དཔོན་གྱི་གསོལ་ར།
ü
རྟེན་དང་བརྟེན་པ། ཐབ་ཀྱི་མེ།
ü
ཡན་ལག་དང་ཡན་ལག་ཅན། བྱང་ཆུབ་སེམས་དཔའ་གི་ཕྱག
ü
ཁྱད་གཞི་དང་ཁྱད་ཆོས། ཤེལ་གྱི་འོད།
ü
ནོར་དང་བདག་པོ། ཁོ་གི་རྒྱུ་ནོར།
བདུན་པ་གནས་གཞི།
གནས་གཞི་ཟེར་མི་འདི་
གང་ཟག དངོས་པོ་ག་ཅི་ར་འབད་རུང་ ཡུལ་དང་དུས་ཀྱི་གཞི་གཅིག་ལུ་
གནས་ཏེ་ཡོད་པའི་དོན་སྟོན་པའི་ ཚིག་ཅིག་ལུ་སླབཔ་ཨིན། དེ་ལུ་ ནང་གསེས་ཀྱི་དབྱེ་བ།
ཡུལ་གྱི་ གཞི་ལ་གནས་པར་སྟོན་པའི་གནས་གཞི་དང་ དུས་ཀྱི་གཞི་ལ་ གནས་པར་སྟོན་པའི་
དུས་ཀྱི་གནས་གཞི་དང་གཉིས་ཡོད། ཡུལ་གྱི་ གནས་གཞི་ལུ་ ཕྲད་ ན། ར། ལུ། གུ་བཞི་དང་
དུས་ཀྱི་གནས་ གཞི་ལུ་ ན། ར། ལུ་གསུམ་འཇུགཔ་ཨིན།
བདུན་པ་གནས་གཞི།
གནས་གཞི་ཟེར་མི་འདི་
གང་ཟག དངོས་པོ་ག་ཅི་ར་འབད་རུང་ ཡུལ་དང་དུས་ཀྱི་གཞི་གཅིག་ལུ་
གནས་ཏེ་ཡོད་པའི་དོན་སྟོན་པའི་ ཚིག་ཅིག་ལུ་སླབ་ཨིན།
ནང་གསེས་ཀྱི་དབྱེ་བ།
ü
ཡུལ་གྱི་ གཞི་ལ་གནས་པར་སྟོན་པའི་གནས་གཞི། ཡུལ་གྱི་
གནས་གཞི་ལུ་ ཕྲད་ ན། ར། ལུ། གུ།
ལྷ་ཁང་ནང་ན་སྐུ་འོད།
ü
དུས་ཀྱི་གཞི་ལ་ གནས་པར་སྟོན་པའི་
དུས་ཀྱི་གནས་གཞི་དང་གཉིས་ཡོད། དུས་ཀྱི་གནས་གཞི་ལུ་ ན། ར། ལུ་གསུམ་འཇུགཔ་ཨིན། གནམ་སོ་ཁར་ཤིང་གི་འདབ་མ་བུད་འོང་།
བརྒྱད་པ་བོད་སྒྲ།
བོད་སྒྲ་ཟེར་མི་འདི་
གང་ཟག་མཆོག་དམན་འབྲིང་གསུམ་ག་ར་ འབོ་ རུང་ མིང་གི་ཐོག་མཐའ་དང་
ཚིག་གི་ཐོག་མཐའ་བར་གསུམ་ལུ་ སྦྱར་བའི་ཚིག་ཅིག་ལུ་སླབ་ཨིན།
ནང་གསེས་ཀྱི་དབྱེ་བ།
ü
གང་ཟག་ལུ་ཐོབ་པའི་ བོད་སྒྲ། ཀྱེ་ལྟོ་ཚང་ཡི་གུ་འདི་ནཱ་གཏང་ཤིག
ü
ལས་ཚིག་ལུ་ཐོབ་ པའི་སེམས་ཚོར་སྟོན་པའི་སྒྲ། སྤ། ལེགས་མི་ལེགས།
Comments
Post a Comment