Posts

Showing posts from May, 2025

གན་རྒྱ།

                    བཟའ་ཚང་ནང་འགྲིག་གི་གན་རྒྱ། ༉ ད་ལན། བཀྲིས་སྒང་རྫོང་ཁག་ གཡང་ཉེར་རྒེད་འོག་ གཡུས་དཱ་ལིས་ཕངས་མ་ལས་ ངོ་མིང་སྒྲོལ་མ་དང་ བཀྲིས་སྒང་རྫོང་ཁག་ ཤོང་ཕུག་རྒེད་འོག་ གཡུས་རངས་བྱུང་ལས་ ངོ་མིང་ རྡོ་རྗེ་བཟའ་ཚང་གཉིས་ ཚེ་སྔོན་མའི་ལས་ཀྱིས་ གཉེན་གྲོགས་ལུ་བསྡོམས་ཏེ་ལོ་ངོ་༢༠ ཙམ་སོངམ་མ་ཚད་ བར་ན་བུ་གཞི་༢ཡང་ཚུད་དེ་ཡོད་རུང་ ཨཔ་རྡོ་རྗེ་འདི་གིས་ ཨ་རྟག་ར་ཆང་ཚད་མེད་འཐུངས་ཏེ་ ཁོ་རའི་ཨམ་སྲུ་ལུ་རྡུང་རྫོབ་འབད་དོ་ཡོདཔ་མ་ཚད་ ད་རེས་སྤྱི་ཚེད་༡༣/༠༥/༢༠༢༥ ལུ་ རྡུང་རྫོབ་འབད་མི་འདི་གིས་ རྨ་བཏོན་ཁྲག་བཏོན་སྦོམ་ར་བྱུང་ཡོདཔ་ལས་ ཨམ་སྲུ་སྒྲོལ་མ་ཁ་ཐུག་ལས་ བློ་ཐག་གདིང་ལས་རྫོགས་ཏེ་ཁ་བྱལ་ནི་སྦེ་ བར་ན་མི་གཙུགས་ཏེ་བློ་སླབ་པའི་སྐབས་ ཨཔ་རྡོ་རྗེ་འདི་གིས་ ཧེ་མ་འབད་མི་ལུ་བློ་འགྱད་དང་ ཤུལ་ལས་འདི་བཟུམ་མི་འབད་ནི་དང་ ཆང་ཡང་གཅད་ནི་ཨིན་ཟེར་ ཁས་བླངས་དམ་བཅའ་འབད་དེ་ གཉེན་གྲོགས་སྔར་ག་ཨིནམ་ གཅིག་ཁར་འཆམས་ཏེ་སྡོད་དགོ་པའི་བྱེལ་སྐད་ཤོར་ཏེ་འོངས་མི་འདི་ལུ་ མོ་རའི་ཁ་ཐུག་ལས་འབད་རུང་ བུ་གཞི་གི་ཕམ་གཅིག་ཨིན་པའི་འདུ་ཤེས་བསྐྱེད་དེ་ འདི་གུར་བཏུབ་སྦེ་ངོས་ལུན་འབད་དེ་གྲུབ་པའི་བདེན་རྟགས་ལུ་ བཟའ་ཚང་ནང་འགྲིག་...

ས་སྟོང་གསལ་སྒྲགས།

                  ས་སྟོང་གསལ་སྒྲགས། བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭ་གིས་ སྤྱི་ཚེས་༡༢/༠༥/༢༠༢༥ ལུ་ ཚོགས་པའི་ཞལ་འཛོམས་གི་ གྲོས་ཆོད་དང་འཁྲིལ་ཏེ་ འོག་ལུ་བཀོད་དེ་ཡོད་པའི་ གཡོག་གི་ས་སྟོང་གསལ་བསྒྲགས་འབདཝ་ཨིན།  ༡༽ གོ་གནསཿ སློབ་ཕྲུག་རྒྱབ་སྐྱོར་པ། ༢༽ གནས་རིམཿ ཁྱད་འཛིན་༢། ༣༽ ས་སྟོང་ཿ བུཚ་གཅིག་དང་བུམོ་གཅིག ༤༽ ཤེས་ཚདཿ ཉུང་མཐའ་གཙུག་ལག་གཞི་རིམ། དང་འདོད་ཅན་དང་ཁྱད་ཚད་ལྡན་མི་ མི་ངོམ་ཚུ་གིས་ གཤམ་འཁོད་བཀོད་ཡོད་མི་ ཡིག་རིགས་ཚུ་ སྤྱི་ཚེས་ ༡༨/༠༥/༢༠༢༥ ནང་འཁོད་ བསམ་རྩེ་མཐོ་རིམ་སློབ་གྲྭ་གི་བདག་སྐྱོང་ལས་ཚན་ནང་བཙུགས་གནང་། ༡༽ངོ་སྤྲོད་ལག་ཁྱེར་འདྲ་པར། ༢༽ ཁྲིམས་སྲུང་ཉོག་མེད་ཡི་གུ། ༣༽ ཤེས་ཚད་ལག་ཁྱེར། ༤༽ མི་ངོམ་རང་གི་ངོ་སྤྲོད་ཡི་གུ། ༥༽གསོ་བའི་ལག་ཁྱེར། ༦༽ འབྲུག་འབྲིང་རིམ་དང འབྲིང་རིམ་གོང་མའི་ཤེས་ཡོན་ལག་ཁྱེར། དྲི་ལན་གྱི་གདམ་འཐུ་གྲུབ་མི་ཚུ་ མཐོ་རིམ་སློབ་གྲྭ་གི་ ཡོགས་འབྲེལ་འཆར་སྒོའི་ཐོག་ལས་ གསལ་བསྒྲགས་འབད་ནི་ཨིན། བརྡ་དོན་ཁ་གསལ་གྱི་དོན་ལུ་ ཡིག་ཚང་གི་དུས་ཚོད་ཁར་ བརྒྱུད་འཕྲུན་ཨང་ ༣༣༢༣༦༦/༣༢༥༣༤༦/༣༢༢༥༢༧ ནང་འབྲེལ་བ་ཡཐབ་དགོཔ་དང་ དྲི་ལན་གི་དོན་ལུ་ གདམ་འཐུ་གྲུབ་མི་རྐྱངམ་གཅིག་ལུ་བརྡ་ལེ...

ཁྱབ་སྒྲགས།

                     ཁྱབ་སྒྲགས། སྤྱི་ཚེས་༡༢/༠༥/༢༠༢༥ ལུ། འབྲུག་རྒྱལ་འཛིན་གཙུག་ལ་སློབ་སྡེ་ལས་ གཙག་མཐུག་སྒྲུབ་སྟེ་ བསམ་རྩེ་མཐོ་རིམ་སློབ་སྒྲྭ་ནང་ལུ་ འབྱོན་མི་སློབ་ཕྲུག་ཕོ་མོ་ཚུ་ སྤྱི་ལོ་༢༠༢༥ དབྱིན་ཟླ་༠༦པའི་ཚེས་༡ སེར་ཁའི་སློབ་སྟོན་ལུ་བྱོནམ་ད་ འགྲུལ་འཁོར་ཡོད་མི་སློབ་ཕྲུག་ཚུ་ འགྲུལ་འཁོར་ཀྱི་ཐོ་བཀོད་ མཛོད་གནང་ཟེར་ ཨིནམ་དང་གཅིག་ཁར་ འགྲུལ་འཁོར་ཡང་ག་ཐོབ་མ་བཞག་པར་ བཞག་ས་གི་ས་ཁོངས་ནང་ལུ་ གཞག་དགོཔ་ཨིན། དེ་ཡང་ཤུལ་མ་ སྟབས་མ་བདེཝ་མི་འཐོན་ནི་དོན་ལུ་དང་ མི་རང་སོའི་ཉེན་སྲུང་གི་དོན་ལུ་ཨིན། གལ་སྲིད་ གོང་ལུ་བཀོད་མི་འདི་ སྒྲུབ་མ་ཚུགས་པ་ཅིན་ འགྲུལ་འཁོར་འདི་ འཛུལ་སྒོ་ནང་ལས་ར་ནང་ན་ མི་གཏང་ནི་དང་ཤུལ་མ་དཀའ་ངལ་རེ་འཐོན་ཏེ་འབད་རུང་ མཐོ་རིམ་སློབ་སྒྲྭ་གི་ཉེན་ཁ་མི་འབག་ནི་ཨིནམ་ལས་ འབྲེལ་ཡོད་ཡོངས་ཀྱིས་ དེ་ཚུ་ཐུགས་ཁར་ངེས་དགོཔ་ཨིན། སྤྱི་ལོ་༢༠༢༥ དབྱིན་ཟླ་༠༥པའི་ དབྱིན་ཚེས་ ༡༢ ལུ། ཆོས་སྐྱིད་ གཡུ་སྒྲོན། བདག་སྐྱེངས་འགོ ་དཔོན།

ལཱ་ཤུལ་སྙན་ཞུ།

                ལཱ་ཤུལ་སྙན་ཞུ།                                                                སྤྱི་ཚེས་ ༩/༠༥/༢༠༢༥ ལུ། མཐོ་རིམ་གཙོ་འཛིན་མཆོག་ལུ། བསམ་རྩེ་མཐོ་རིམ་སློབ་གྲྭ། བསམ་རྩེ། རྩ་དོན། ཁག་འབབ་ལཱ་གི་སྐོར། དེ་ཡང་ སྤྱི་ཟླ་༡༠ པའི་ སྤྱི་ཚེས་༡༠ ལུ་ མཐོ་རིམ་སློབ་གྲྭ་ནང་ལུ་ སྣུམ་འཁོར་ལམ་རྩིས་ནག་གཏང་ནིའི་ ཁག་འབབ་ཀྱི་ལཱ་ལེན་ཏེ་ཡོད་མི་འདི་ ད་ལྟོ་འཁོར་ལམ་འདི་ཚུ་ རྩིས་ནག་གཏང་སྟེ་ སློབ་གྲྭའི་དཔེ་མཛོད་ཁང་གི་ གདོང་ཁར་ལྷོད་དེ་ཡོད་ཟེར་ཞུ་ནི་དང་ ལཱ་དེ་ཚུ་ཡང་ ལཱ་འབད་ནིའི་ཉིནམ་ལས་ འགོ་བཙུགས་ཏེ་ ད་ལྟོ་ཚུན་གྱི་བར་ན་བྱ་སྟབས་མ་བདེཝ་ག་ནི་ཡང་ མ་འཐོན་པ་ལེགས་ཤོམ་སྦེ་རང་འགྱོ་དོ་ཡོད་པའི་ སྙན་སྒྲིག་ཞུ་བ་མཁྱེན། (རྡོ་རྗེ།) རྒྱུ་དངོས་འཛིན་སྐྱོངས་པ།