ཞིབ་འཚོལ་ འབྲི་རྩོམ།

 དོན་ཚན། མི་སྡེ་བརྡ་རྒྱུད་ཀྱིས་ སློབ་སྦྱོང་འབད་ནི་དང་ལྷན་ཐབས་ག་དེ་སྦེ་འབདཝ་ཨིན་ན།

༊ དུས་རབས་༢༡པའི་ནང་ལུ་ འཛམ་གླིང་ག་ཏེ་ལུ་ཡང་འཕྲུལ་རིག་གི་ དབང་པའི་དུས་སྐབས་ཅིག་ལུ་ ལྷོད་དེ་ཡོདཔ་ལས་ མི་སྡེ་བརྡ་བརྒྱུད་འདི་ ཤུགས་ཆེཝ་འབད་འགྱོ་དེ་ ཡོདཔ་ཨིན་མས། མི་སྡེ་བརྡ་བརྒྱུད་འདི་གིས་ བརྡ་སྤྲོད་དང་འབྲེལ་གཏོགས་ དེ་ལས་ནང་དོན་ཚུ་ ལྷབ་མི་ཚུ་དང་གཅིག་ཁར་ བརྗེ་སོར་འབད་དེ་ སྦྱོང་བརྡར་པ་གི་འགན་ཁུར་འདི་ ཡར་དྲག་གཏངམ་ཨིན། འདི་གིས་ སྦྱོང་བརྡར་འབད་མི་ཚུ་ལུ་ བརྡ་དོན་ཚུ་ མགྱོགས་དྲགས་སྦེ་བྱིན་ནི་དང་ དུས་ཚོད་ངོ་མའི་ནང་ བཅའ་མར་གཏོགས་མི་ཚུ་དང་ འབྲེལ་བ་འཐབ་ནི་དེ་ལས་ མཉམ་འབྲེལ་གྱི་ ལྷབ་སྦྱང་གི་མཐའ་འཁོར་ བཟོ་ཚུགསཔ་ཨིན་པས། Manca(2016)གིས་ བཀོད་མི་ནང་ མི་སྡེ་བརྡ་བརྒྱུད་འདི་གིས་ ལུགས་མཐུན་གྱི་ལྷབ་སྦྱང་ལུ་ རྒྱབ་སྐྱོར་འབདཝ་མ་ཚད་ ཤེས་ཡོན་བྱིན་མི་ཚུ་གི་བར་ན་ ཁྱད་རིག་གོང་འཕེལ་དང་ མཉམ་འབྲེལ་ཚུ་ཡང་ འཕྲོ་མཐུད་དེ་རང་ འབད་དོ་ཡོདཔ་སྦེ་ཨིན་པས། དེ་འབདཝ་ལས་ མི་སྡེ་བརྡ་བརྒྱུད་ཐོག་ལས་ སྦྱོང་བརྡར་འབད་མི་ཚུ་གིས་ འཕྲལ་གི་གནས་སྟངས་ཚུ་གི་སྐོར་ལས་ བརྡ་དོན་སྤྲོད་ཚུགས་ནི་དང་ འཕྲོ་མཐུད་དེ་རང་ ཐབ་ལམས་ཚུ་ ཡར་དྲགས་གཏང་ཚུགས་ནི་ཨིནམ་མ་ཚད་ ཧེ་མ་བཟུམ་འབད་སློབ་སྟོན་པ་ལུ་རྐྱངམ་ཅིག་རེག་མ་དགོ་པར་ རང་མགོ་རང་འདྲོང་ཐོག་ལས་སྦྱང་ཚུགས་དོ་ཡོདཔ་མ་ཚད་ ཡོན་ཏན་ག་ཅི་ར་འབད་རུང་ འཇམ་ཏོང་ཏོ་འབད་ སྦྱང་ཚུགསཔ་ཨིན།

མི་སྡེ་བརྡ་བརྒྱུད་ཀྱིས་ སློབ་སྟོན་དང་ལྷབ་སྦྱང་གི་བྱ་རིམ་འདི་ བསྒྱུར་བཅོས་འབད་ཡོདཔ་ད་ འདི་ཡང་ སློབ་དཔོན་ཚུ་ལུ་ འཕྲལ་མགྱོགས་གི་བརྡ་དོན་ཚུ་ འཐོབ་ཚུགསཔ་བཟོ་སྟེ་ཡོདཔ་ཨིན། ཧེ་མ་འབད་བ་ཅིན་ སློབ་སྟོན་འབད་མི་ཚུ་གིས་ དཔེ་དེབ་དང་ ཡི་གུ་ཚུ་ནང་ ལྷབ་དོ་ཡོདཔ་ད་ འཕྲལ་འཕྲལ་སྐབས་ དཔེ་དེབ་ཚུ་ དུས་ཡུན་རིངམོ་སྦེ་ ལག་ལེན་འཐབ་ནི་མེདཔ་ཨིན་མས། Greenhow དང་Lewin(2016) གིས་བཤད་མི་ནང་Twitter, LinkedIn, YouTube,དང་ ཤེས་རིག་གི་ཚོགས་འདུ་ལ་སོགས་པ་ཚུ་གིས་ ཞིབ་འཚོལ་གསརཔ་དང་ སློབ་སྟོན་ཐབས་བྱུས་ དེ་ལས་ ཤེས་རིག་གི་ལམ་ལུགས་ཚུ་གི་སྐོར་ལས་ དུས་ཐོག་ལུ་ གསལ་སྟོན་འབད་དོ་ཡོདཔ་ཨིན་ཟེར་ཨིན་པས། དེ་ཡང་སྦྱོང་བརྡར་བྱིན་མི་ཚུ་གིས་ མཁས་མཆོག་ཚུ་དང་འབྲེལ་བ་འཐབ་ནི་དང་ ཁྱད་རིག་ཅན་གྱི་སྡེ་ཚན་ཚུ་ནང་ བཅའ་མར་གཏོགས་ནི་དང་ གྲོས་བསྡུར་ནང་ བཅའ་མར་གཏོགས་ནི་ དེ་ལས་ ཁོང་གི་སྐོར་ལས་ ཤེས་ཡོན་དང་འབྲེལ་བའི་ གནད་དོན་ཚུ་ནང་ འབྲེལ་གཏོགས་འབད་ཚུགས་ནི་ཨིན་མས། དེ་མ་ཚད་ཤེས་ཡོན་གསརཔ་ཚུ་ དེ་འཕྲོ་ལས་ཐོབ་ཚུགས་པ་ཅིན་ སྦྱོང་བརྡར་བྱིན་མི་ཚུ་གིས་ ཐད་ཀར་དུ་ བསམ་འཆར་དང་ བརྡ་དོན་གསརཔ་ཚུ་ སློབ་གྲྭ་ནང་ འབག་འོང་ཚུགས་ནི་ཨིནམ་ལས་ སློབ་སྦྱོང་གི་ཉམས་མྱོང་དེ་ འཕྲོ་མཐུད་དེ་ར་ སློབ་ཕྲུག་ཚུ་ལུ་ སྤྲོ་བ་བསྐྱེད་བཅུག་ཚུགས་ནི་ཨིན་མས།

མི་སྡེ་བརྡ་བརྒྱུད་ཚུ་གིས་ འཕྲལ་མགྱོགས་གི་བརྡ་དོན་ཚུ་ བྱིན་པའི་ཁར་ སྦྱོང་བརྡར་བྱིན་མི་ཚུ་གི་བསམ་འཆར་ཚུ་ཡང་ ཡར་དྲག་གཏང་དོ་ཡོདཔ་ད་ ཁོང་གིས་ སྦྱོང་བརྡར་བྱིན་མི་ཚུ་ལུ་ མཐོང་སྣང་དང་ རིག་པ་གསརཔ་མ་འདྲཝ་ཚུ་ སྟོན་བྱིན་དོ་ཡོདཔ་ཨིན་པས། Manca(2017)གིས་བཤད་མི་ནང་ སྦྱོང་བརྡར་བ་ཚུ་གིས་ སྦྱོང་བརྡར་གྱི་ཐབས་ལམ་གསརཔ་དང་ སློབ་སྟོན་ཁང་འཛིན་སྐྱོང་ཐབས་བྱུས་ དེ་ལས་ ཤེས་རིག་གི་འཕྲུལ་རིག་ཚུ་ ལག་ལེན་འཐབ་སྟེ་བསམ་འཆར་ཚུ་ ཡར་དྲག་གཏང་དོ་ཡོདཔ་ཨིན་པས། དེ་ཡང་ འཛམ་གླིང་གི་སློབ་དཔོན་དང་འགོ་ཁྲིདཔ་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་མི་དེ་གིས་ སྦྱོང་བརྡར་བྱིན་མི་ཚུ་ལུ་ ཁོང་རའི་ཐབས་ལམ་ཚུ་ བརྟག་དཔྱད་འབད་ནི་དང་ ཐབས་ལམ་གསརཔ་ཚུ་ བརྟག་དཔྱད་འབད་ནི་ དེ་ལས་ སློབ་ཕྲུག་ཚུ་གི་ དགོས་མཁོ་ཚུ་དང་བསྟུན་ཏེ་ ཁོང་རའི་བྱ་རིམ་ཚུ་ བསྒྱུར་བཅོས་འབད་ཚུགས་ནི་ཨིན་མས། དེ་ཡང་ སྦྱོང་བརྡར་བྱིན་མི་གིས་ སྦྱོང་བརྡར་གྱི་རིམ་པ་ཚུ་ ལེགས་བཅོས་འབད་ཚུགས་ནི་ཨིནམ་ད་འདི་བཟུམ་གྱི་བསམ་འཆར་དང་འབྲེལ་བ་འཐབ་ནི་གིས་ རྒྱུད་བསྐུལ་འབད་ཚུགས་པའི་ནུས་ཤུགས་དང་ སྦྱོང་བརྡར་གྱི་ནུས་ཤུགས་ དེ་ལས་ དུས་རྒྱུན་གྱི་ ལག་ཤེས་གོང་འཕེལ་གྱི་ནུས་ཤུགས་ཡར་འཕར་འབདཝ་ཨིན།

སློབ་སྟོན་གྱི་ལམ་ལུགས་ཚུ་ནང་ སློབ་སྟོན་འབད་མི་ཚུ་ལུ་ སློབ་སྟོན་གྱི་དོན་ལུ་ གཙུག་སྡེ་གིས་ བྱིན་མི་མཁོ་ཆས་དང་ འཕྲལ་འཕྲལ་གྱི་ སྦྱོང་བརྡར་ལས་རིམ་ཚུ་ལུ་བརྟེན་སྡོད་དོ་ཡོདཔ་ཨིན་རུང་ མི་སྡེ་བརྡ་བརྒྱུད་ཚུ་ནང་ སློབ་སྟོན་འབད་མི་ཚུ་ལུ་ རང་དབང་གི་ཚད་གཞི་སྦོམ་ཡོདཔ་ཨིན། Carpenter(2014)གིས་འབད་བ་ཅིན་སྦྱོང་བརྡར་བྱིན་མི་ཚུ་གིས་ ཁོང་རའི་རིག་རྩལ་ཡར་དྲག་གཏང་ནིའི་དོན་ལུ་ གཞུང་འབྲེལ་གྱི་ལས་རིམ་ཚུ་ལུ་ སྒུག་མ་དགོཔ་དང་ ཡང་ཅིན་ ཧེ་མ་ལས་ ངོས་ལེན་འབད་ཡོད་པའི་ དཔེ་དེབ་ཚུ་རྐྱངམ་གཅིག་ལུ་ བློ་གཏད་མི་དགོ་པས་ཟེར་ཨིན་པས། དེ་ཡང་དེ་གི་ཚབ་ལུ་ ཁོང་རང་སོ་སོ་གིས་ ཤེས་ཡོན་འཚོལ་ཏེ་ རང་སོའི་སློབ་སྦྱོང་གི་ལམ་ལུགས་དང་ དགོས་མཁོ་དང་འཁྲིལ་ཏེ་ སློབ་སྟོན་འབད་ཚུགས། འ་ནི་འགྱུར་བ་འདི་གིས་ སྦྱོང་བརྡར་བྱིན་མི་ཚུ་ལུ་ ཁོང་རའི་རིག་རྩལ་ཡར་དྲག་གཏང་ནི་ལུ་ ཚད་འཛིན་འབད་ཚུགས་པའི་ནུས་ཤུགས་བྱིན་དོ་ཡོདཔ་དང་ འདི་ཡང་ སྦྱོང་བརྡར་བྱིན་ནི་ལུ་ དང་ལེན་དང་ རང་རྐྱང་གི་ཐབས་ལམ་ལུ་ སེམས་ཤུགས་བྱིན་དོ་ཡོདཔ་ཨིན། ཧེ་མ་གི་ལམ་ལུགས་ཚུ་དང་ཕྱདཔ་ད་ ད་རེས་ནངས་པར་ མི་སྡེའི་བརྡ་བརྒྱུད་ལུ་བརྟེན་པའི་ གནས་སྟངས་ནང་ སྦྱོང་བརྡར་ཚུ་ མགྱོགས་དྲགས་དང་ དབྱེ་བ་ཕྱེ་སྟེ་ རང་གིས་རང་ སྦྱོང་བརྡར་འབད་ཚུགས་པའི་ ཁེ་ཕན་ཡོདཔ་ཨིན།

བཅུད་བསྡུ་བ་ཅིན་ མི་སྡེ་བརྡ་བརྒྱད་ཚུ་གིས་ སྦྱང་བརྡར་འབད་མི་ཚུ་ལུ་ ཤེས་ཡོན་སྦྱང་ནིའི་ཉམས་མྱོང་ ཡར་དྲག་གཏང་ནི་དང་ ཁྱད་རིག་གི་མཐུན་ལམ་ཚུ་ རྒྱ་སྐྱད་འབད་ནི་ དེ་ལས་ ལས་ཁུངས་དང་ ལས་འབྲེལ་གྱི་ མཐོང་སྣང་ཚུ་ ལེ་ཤ་ཅིག་ར་ འཐོབ་ཚུགས་ནི་ཨིནམ་ལས་ མི་སྡེའི་བརྡ་བརྒྱད་ཚུ་གིས་ སྦྱང་བརྡར་བ་ཚུ་ལུ་ ཕན་ཐོགས་ལེ་ཤ་ཅིག་ར་ བྱིན་དོ་ཡོདཔ་ཨིན་པས། དེ་གིས་ མཉམ་འབྲེལ་དང་ བརྡ་དོན་ཡར་དྲག་གཏང་ནི་ དེ་ལས་ དེང་སང་གི་ལཱ་གཡོག་ནང་ལུ་ ཁག་ཆེཝ་སྦེ་མཐོང་མི་ ཨང་གནས་ཅན་གི་རིག་རྩལ་གོང་འཕེལ་གཏང་ནི་ལུ་ རྒྱབ་སྐྱར་འབདཝ་ཨིན། གལ་སྲིད་ འགན་འཁྲི་ཅན་གྱི་ཐོག་ལས་ ལག་ལེན་འཐབ་པ་ཅིན་ མི་སྡེ་བརྡ་བརྒྱད་དེ་ ལག་ཆས་ཤུགས་ཅན་ཅིག་ལུ་འགྱུར་ཏེ་ གཞུང་འབྲེལ་གྱི་སྦྱང་བརྡར་ཚུ་ སྦྱར་དོ་ཡོདཔ་མ་ཚད་ སྦྱང་བརྡར་པ་ཚུ་ལུ་ ཤེས་ཡོན་དང་ འབྲེལ་བ་འཐབ་ཚུགས་པའི་ གོ་སྐབས་བྱིན་དོ་ཡོདཔ་ཨིན་

པས།



Comments

Popular posts from this blog

Unit 2 Reflection Journal

Unit 1 Reflection