གན་རྒྱ།

                    བཟའ་ཚང་ནང་འགྲིག་གི་གན་རྒྱ།


༉ ད་ལན། བཀྲིས་སྒང་རྫོང་ཁག་ གཡང་ཉེར་རྒེད་འོག་ གཡུས་དཱ་ལིས་ཕངས་མ་ལས་ ངོ་མིང་སྒྲོལ་མ་དང་ བཀྲིས་སྒང་རྫོང་ཁག་ ཤོང་ཕུག་རྒེད་འོག་ གཡུས་རངས་བྱུང་ལས་ ངོ་མིང་ རྡོ་རྗེ་བཟའ་ཚང་གཉིས་ ཚེ་སྔོན་མའི་ལས་ཀྱིས་ གཉེན་གྲོགས་ལུ་བསྡོམས་ཏེ་ལོ་ངོ་༢༠ ཙམ་སོངམ་མ་ཚད་ བར་ན་བུ་གཞི་༢ཡང་ཚུད་དེ་ཡོད་རུང་ ཨཔ་རྡོ་རྗེ་འདི་གིས་ ཨ་རྟག་ར་ཆང་ཚད་མེད་འཐུངས་ཏེ་ ཁོ་རའི་ཨམ་སྲུ་ལུ་རྡུང་རྫོབ་འབད་དོ་ཡོདཔ་མ་ཚད་ ད་རེས་སྤྱི་ཚེད་༡༣/༠༥/༢༠༢༥ ལུ་ རྡུང་རྫོབ་འབད་མི་འདི་གིས་ རྨ་བཏོན་ཁྲག་བཏོན་སྦོམ་ར་བྱུང་ཡོདཔ་ལས་ ཨམ་སྲུ་སྒྲོལ་མ་ཁ་ཐུག་ལས་ བློ་ཐག་གདིང་ལས་རྫོགས་ཏེ་ཁ་བྱལ་ནི་སྦེ་ བར་ན་མི་གཙུགས་ཏེ་བློ་སླབ་པའི་སྐབས་ ཨཔ་རྡོ་རྗེ་འདི་གིས་ ཧེ་མ་འབད་མི་ལུ་བློ་འགྱད་དང་ ཤུལ་ལས་འདི་བཟུམ་མི་འབད་ནི་དང་ ཆང་ཡང་གཅད་ནི་ཨིན་ཟེར་ ཁས་བླངས་དམ་བཅའ་འབད་དེ་ གཉེན་གྲོགས་སྔར་ག་ཨིནམ་ གཅིག་ཁར་འཆམས་ཏེ་སྡོད་དགོ་པའི་བྱེལ་སྐད་ཤོར་ཏེ་འོངས་མི་འདི་ལུ་ མོ་རའི་ཁ་ཐུག་ལས་འབད་རུང་ བུ་གཞི་གི་ཕམ་གཅིག་ཨིན་པའི་འདུ་ཤེས་བསྐྱེད་དེ་ འདི་གུར་བཏུབ་སྦེ་ངོས་ལུན་འབད་དེ་གྲུབ་པའི་བདེན་རྟགས་ལུ་ བཟའ་ཚང་ནང་འགྲིག་གི་གན་རྒྱ་འདི་གུར་ རྩ་ཕན་རྒྱབ་མི་དང་བཅས་པའི་མིང་ཡིག་ལག་བྲིས་བཀོད་གྲུབ་ཅི། གལ་སྲིད་ད་ལས་ཕར་ ཨཔ་རྡོ་རྗེ་གི་ཁ་ཐུག་ལས་ གོང་དོན་ལས་འགལ་བའི་བྱ་བ་འབྱུང་ཚེ་ འབའ་དངུལ་སྐྲམ་༥༠༠/- དང་ ཉེས་བྱ་ཁྲིམས་ཀྱི་དགོངས་དོན་ལྟར་དུ་ཕྱག་ཕྱིད་ཞུ་ཆོག་པའི་ཁས་བླངས་གྲུབ་པའི་གན་འཛིན་ལུ། གནམ་ལོ་ ཤིང་མོ་སྦྲུལ་ལོ་ ཟླ་ལྔ་པའི་ཚེས་༡༢ལུ་དང་ སྤྱི་ཚེས་༢༠/༠༥/༢༠༢༥ལུ།


༡༽ཨམ་སྲུ་སྒྲོལ་མ་གི་རྟགས།

༢༽ རྒྱབ་མི་ཟླ་བ་གི་རྟགས།

༣༽ ཨཔ་རྡོ་རྗེ་གི་རྟགས།

༤༽ རྒྱབ་མི་ཉི་མ་གི་རྟགས།

༥༽ འཛོམས་དཔའ་ཆོས་སྒྲོན་གྱི་རྟགས།

Comments

Popular posts from this blog

Unit 2 Reflection Journal

Unit 1 Reflection